发布机构:
公开方式: 主动公开
发布日期: 2020-06-17
浏览次数: 0
教武场贸易市场作为我市规模最大、人口最密集的批发零售综合性贸易市场,在促进全市商品流通、推动经济社会发展进程中,发挥着举足轻重的关键作用。近年来,随着日喀则实现跨越式发展、城市品味不断提升,市场暴露出空间布局不合理、消防设施陈旧、经营环境差、与全市力推的“六城共建”要求差距巨大等诸多问题,已无法满足群众日常生产生活的新需要,广大市民和商户迫切希望升级改造。
ལྗའུ་གྲང་ཉོ་ཚོང་ཁྲོམ་ར་དེ་རང་རེའི་གྲོང་ཁྱེར་གྱི་གཞི་ཁྱོན་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་སྡེབ་ཚོང་སིལ་འཚོང་ཕྱོགས་བསྡུས་རང་བཞིན་གྱི་ཉོ་ཚོང་ཁྲོམ་ར་ཞིག་ཡིན་པའི་ངོས་ནས་གྲོང་ཁྱེར་ཡོངས་ཀྱི་ཚོང་ཟོག་འགྲོ་རྒྱུག་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་འགག་རྩའི་ནུས་པ་གལ་ཆེན་ཐོན་ཡོད། ཉེ་བའི་ལོ་ཤས་རིང་གཞིས་རྩེར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་གྲོང་ཁྱེར་གྱི་ཁྱད་ཆོས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་ཆབས་ཅིག་ཁྲོམ་རའི་བར་མཐོངས་བཀོད་སྒྲིག་ལུགས་མཐུན་མེད་པ་དང་མེ་ཟོན་སྒྲིག་བཀོད་རྙིང་པར་གྱུར་བ། ཚོང་གཉེར་ཁོར་ཡུག་ཞན་པ། གྲོང་ཁྱེར་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་སྐུལ་སྤེལ་གཏོང་བའི“དྲུག་ལྡན་གྲོང་ཁྱེར་མཉམ་སྐྲུན”གྱི་བླང་བྱ་དང་ཧེ་བག་ཆེ་བ་སོགས་ཀྱི་གནད་དོན་མང་པོ་ཐོན་ནས་མང་ཚོགས་ཀྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་གསར་པ་སྐོང་ཐབས་བྲལ་བས། རྒྱ་ཆེའི་གྲོང་མི་དང་ཚོང་དུད་ཀྱིས་ཁྲོམ་ར་རིམ་སྤོར་སྒྱུར་བཀོད་བྱེད་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
原教武场市场已关闭
为彻底改善教武场贸易市场经营环境,顺应广大市民和商户的新期盼,桑珠孜区开展了大量的搬迁思想动员与宣传引导,得到了广大商户的一致拥护和支持。经走访调研,确定将位于上海南路南郊加油站斜对面的卡热社区萨玛组新农村商品房作为搬迁安置点,配齐配全了相关设施,保障商户搬迁后的正常营业需求。
ལྗའུ་གྲང་ཉོ་ཚོང་ཁྲོམ་རའི་ཚོང་གཉེར་ཁོར་ཡུག་མཐར་ཕྱིན་པ་ལེགས་སུ་གཏོང་བ་དང་རྒྱ་ཆེའི་གྲོང་མི་དང་ཚོང་དུད་ཀྱི་རེ་བ་གསར་པ་དང་བསྟུན་ཆེད་བསམ་གྲུབ་རྩེ་ཆུས་ཀྱིས་གནས་སྤོའི་བསམ་བློར་སྐུལ་སློང་དང་དྲིལ་བསྒྲགས་ཁྲིད་སྟོན་ཤུགས་ཆེན་སྤེལ་བར་རྒྱ་ཆེའི་ཚོང་དུད་ཚོའི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་ཡོད། བཅར་འདྲི་དང་བརྟག་ཞིབ་བྱས་པ་བརྒྱུད་ཧྲང་ཧའེ་ལྷོ་ལམ་ལྷོ་ངོས་སྣུམ་སྣོན་ས་ཚིགས་ཀྱི་ཁ་སྤྲོད་དུ་གནས་པའི་ཁ་རགས་སྡེ་ཁུལ་གྱི་ས་དམར་ཙུའུ་ཡི་གྲོང་གསེབ་གསར་པའི་ཚོང་སྒྱུར་ཁང་པའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་གཏན་འཁེལ་བྱས་ཡོད་ལ། འབྲེལ་ཡོད་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ནས་ཚོང་དུད་གནས་སྤོ་བྱས་རྗེས་ཀྱི་རྒྱུན་གཏན་གྱི་ཚོང་གཉེར་དགོས་མཁོ་འགན་ལེན་བྱས་ཡོད།
教武场市场临时安置点
当前,教武场贸易市场搬迁工作已全面启动,市场商户正在陆续搬迁至卡热社区萨玛组新农村商品房新搬迁点,预计6月18日完成全部搬迁,望广大市民周知,可前往新搬迁点购物。
མིག་སྔར་ལྗའུ་གྲང་ཉོ་ཚོང་ཁྲོམ་ར་གནས་སྤོའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཟིན་ཞིང་། ཁྲོམ་རའི་ཚོང་དུད་རྣམས་ཁ་རགས་སྡེ་ཁུལ་ས་དམར་ཙུའུ་ཡི་གྲོང་གསེབ་གསར་པའི་ཚོང་སྒྱུར་སྡོད་ཁང་གནས་སྤོའི་ས་ཚིགས་གསར་པར་གཅིག་མཇུག་གཉིས་མཐུད་ངང་སྤོ་བཞིན་ཡོད། སྔོན་དཔག་བྱས་ན་ཟླ་6ཚེས་18ཉིན་ཚང་མ་གནས་སྤོ་ཟིན་པ་བྱེད་རྒྱུ་ཡིན་པས། རྒྱ་ཆེའི་གྲོང་མི་རྣམ་པས་མཁྱེན་པ་བྱས་ཏེ་གནས་སྤོའི་ས་ཚིགས་གསར་པར་དངོས་ཟོག་ཉོ་སྒྲུབ་བྱེད་པར་ཕེབས་རོགས།
据悉,新的现代化教武场文旅购物中心将有望在7月开工建设。
ཤེས་རྟོགས་བྱུང་བར་གཞིགས་ན། དེང་རབས་ཅན་གྱི་ལྗའུ་གྲང་རིག་གནས་ཡུལ་སྐོར་ཉོ་སྒྲུབ་ལྟེ་གནས་གསར་པ་དེ་ཟླ་7་པར་སྐྲུན་འགོ་ཚུགས་རྒྱུ་རེད།
教武场市场临时安置点
教武场搬迁点具体地址为:上海南路(南郊加油站斜对面)。市场共有两个入口,分别为市场西门(上海南路南郊加油站斜对面)和东门(黑龙江南路阳光苑周转房北侧)。市民可选择乘坐4路、8路公交车,在黑龙江南路阳光苑周转房东门站下车,从市场东门进入;或乘坐1路公交车在阳光苑周转房西门站下车,从市场西门进入。
ལྗའུ་གྲང་གནས་སྤོས་བྱ་ཡུལ་གྱི་ཞིབ་ཕྲའི་ས་གནས་ནི་ཧྲང་ཧའེ་ལྷོ་ལམ(ལྷོ་ངོས་སྣུམ་སྣོན་ས་ཚིགས་ཀྱི་ཁ་སྤྲོད)ལ་ཡོད། ཁྲོམ་རར་ཁྱོན་བསྡོམས་འཛུལ་སྒོ་གཉིས་ཡོད་པ་དེ་ཁག་སོ་སོ་ཁྲོམ་རའི་ནུབ་སྒོ(ཧྲང་ཧའེ་ལྷོ་ལམ་ལྷོ་ངོས་སྣུམ་སྣོན་ས་ཚིགས་ཀྱི་ཁ་སྤྲོད)དང་ཤར་སྒོ(ཧེ་ལུང་ཅང་ལྷོ་ལམ་ཉི་འོད་གླིང་ལས་ཤག་གི་བྱང་ངོས)རེད། གྲོང་མི་རྣམས་པས་ལམ་ཐིག་4པ་དང་8པའི་སྤྱི་སྤྱོད་རླངས་འཁོར་ནང་བསྡད་དེ་ཧེ་ལུང་ཅང་ལྷོ་ལམ་ཉི་འོད་གླིང་ལས་ཤག་གི་ཤར་སྒོའི་བབས་ཚུགས་སུ་བབས་ཏེ་ཁྲོམ་རའི་ཤར་སྒོ་ནས་འཛུལ་འགྲོ་བ་དང་། ཡང་ན་ལམ་ཐིག་1པོའི་སྤྱི་སྤྱོད་རླངས་འཁོར་དུ་བསྡད་ནས་ཉི་འོད་གླིང་ལས་ཤག་གི་ནུབ་སྒོའི་འབབ་ཚུགས་སུ་བབས་ནས་ཁྲོམ་རའི་ནུབ་སྒོ་ནས་འཛུལ་ཕྱིན་ན་སླེབས་ཀྱི་ཡོད།